-
འཛོམས་
འཕྲིན་སྟེགས་ནང་ངས་ཉེ་གྲོགས་ཇི་ལྟར་གནོན་པ་དང་ཇི་
ལྟར་བསུ་ཐུབ།
འཛོམས་
སྐད་འཕྲིན་བཀོལ་ཆས་ནང་རང་གི་ཉེ་གྲོགས་གནོན་ཕྱོགས་ཁ
་ཤས་ཡོད་པ་ནི། ཐོག་མར་ཁྱེད་རང་ འཛོམས་
ནང་མིང་བཀོད་ཞུགས་ཚར་རྗེས་དེ་མ་ཐག་རང་གི་ཉེ་གྲོགས་
རེ་རེ་བཞིན་གནོན་ནས་བསུ་ཆོག་པ་དང་། དེ་བཞིན་དུ་
'Friends' འམ་༼གྲོགས།༽
ཞེས་པའི་མདུན་ངོས་ཀྱི་གཡས་ཕྱོགས་གཤམ་འོག་ཏུ་ 'Add
friend' འམ། ༼གྲོགས་གནོན།༽
ཞེས་པའི་འདམ་ཀ་བརྒྱུད་ནས་རང་གི་ཉེ་གྲོགས་ལ་བསུ་ཐུབ
།
SMS
༼འཕྲིན་ཐུང་ཞབས་ཞུ།༽རྒྱུན་ལྡན་ཁ་པར་འཕྲིན་ཐུང་ཞབས་
ཞུ་བརྒྱུད་ནས་ཁྱེད་རང་གི་ཉེ་གྲོགས་རྣམས་ལ་ འཛོམས་
སྐད་འཕྲིན་མགྲོན་བརྡའི་བསུ་བ་གནང་ཐུབ་ཀྱང་།
དེར་ཁ་པར་འཕྲིན་ཐུང་གི་རིན་པ་ཤོར་སྲིད།
Share ༼རྒྱུད་སྐུར་ཞབས་ཞུ།༽ཁྱེད་རང་གི་ འཛོམས་
སྐད་འཕྲིན་མགྲོན་བརྡའི་དྲ་ཐག་དེ་སྤྱི་ཚོགས་འབྲེལ་འ
ཐུད་ཀྱི་བཀོལ་ཆས་དང་གློག་འཕྲིན།
སྐད་འཕྲིན་སོགས་ཀྱི་ནང་རིན་མེད་རྒྱུད་སྐུར་གནང་ཐུབ
།
Scan ༼གསང་རྟགས་ཞིབ་དཔྱོད།༽
གལ་སྲིད་ཁྱེད་རང་གི་གྲོགས་རྣམས་ཉེ་འཁོར་དུ་ཡོད་ཚེ།
ཁོང་ཚོའི་གསང་རྟགས། QR Codes
ཁ་པར་ནང་ཞིབ་དཔྱོད་བྱས་ཏེ་འཛོམས་ ནང་གནོན་ཐུབ།
དེ་ནི་མགྱོགས་པོ་དང་སྟབས་བདེ་ཡོད།
Direct invite ༼ཐད་ཀར་མགྲོན་བརྡ།༽
ཁྱེད་དང་གྲོགས་དབར་དུས་རྒྱུན་སྤྱི་ཚོགས་འབྲེལ་འཐུད
་ཀྱི་བརྒྱུད་ལམ་མཉམ་སྤྱོད་མེད་ཚེ། འཛོམས་
ཐོག་མིང་བཀོད་བྱས་པའི་གྲོགས་ཀྱི་མིང་དེ་ཐད་ཀར་རང་
ཉིད་ཀྱི་གྲོགས་ནང་གནོན་ཐུབ།
-
ངས་འཕྲིན་སྟེགས་ཇི་ལྟར་འགོ་འཛུགས་དགོས།
འཛོམས་ བཀོལ་ཆས་ཀྱི་འཕྲིན་སྟེགས་མདུན་ངོས་ཁ་ཕྱེས་ནས།
གཡས་ཕྱོགས་གཤམ་འོག་གི་ (+)
སྡོམ་རྟགས་ཐོག་མཛུབ་གནོན་གྱིས་ཏེ།
རང་གྲོགས་སུ་དང་མཉམ་དུ་འཕྲིན་ཐུང་གཏོང་རེས་བྱེད་མི
ན་གྲ་སྒྲིག་གནང་ཐུབ།
-
ངས་སྐད་འཕྲིན་ཇི་ལྟར་སྐུར་ཐུབ།
འཕྲིན་བཏབ་སྒམ་གྱི་གཡས་ཟུར་དུ་སྒྲ་མིག་གི་རྟགས་ཤིག
་ཡོད་པ་དེར་མཛུབ་གནོན་དགོས་པ་དང་། 'Talk' ༼ཤོད།༽
ཞེས་པ་ཞིག་འཆར་འོང་བའི་ཐོག་རང་གི་སྐད་འཕྲིན་བརྡ་ལན
་མ་རྫོགས་བར་མཛུབ་མོ་གནོན་ཏེ་སྒྲ་འཇུག་ལེགས་པར་བྱས
་རྗེས་མཛུབ་མོ་ཀློད་པ་ཡིན་ན།
སྒྲ་འཇུག་བྱས་པའི་སྐད་འཕྲིན་དེ་གྲོགས་དེ་ཉིད་ལ་འ
བྱོར་ཐུབ།
-
ངས་སྐད་འཕྲིན་ཞིག་མ་སྐུར་བའི་སྔོན་དུ་ཕྱིར་བསྡུ་ཇི
་ལྟར་བྱེད་ཐུབ།
གལ་སྲིད་ཁྱེད་ཀྱིས་འཛོམས་
བཀོལ་ཆས་ནང་སྐད་འཕྲིན་ཞིག་སྒྲ་འཇུག་བྱེད་འགོ་བཙུགས
་ཀྱང་།
སྐད་འཕྲིན་དེ་སྐྱར་དུ་སྒྲ་འཇུག་བྱ་དགོས་པའམ་ཡང་ན་
སྐད་འཕྲིན་དེ་སྐུར་དགོས་མེད་པ་དགོངས་ཚེ།
རང་གིས་གནོན་བཞིན་པའི་མཛུབ་མོ་དེ་གོང་ལ་ཤུར་ནས་ཀློ
ད་དགོས།
-
ངས་པར་རིས་ཇི་ལྟར་སྐུར་ཐུབ།
འཕྲིན་བཏབ་སྒམ་གྱི་གཡོན་དུ་ཟུར་སྣོན་གྱི་རྟགས་ཞིག་
ཡོད་པ་དེའི་ཐོག་མཛུབ་གནོན་གྱིས་པ་དང་ཆབས་ཅིག
འདམ་ཀ་དང་པོ་རང་གི་ཁ་པར་གྱི་པར་མཛོད་ནས་པར་རིས་འདེ
མས་སྒྲུག་ཆོག་པའི་ལམ་རྒྱུས་དང་།
འདམ་ཀ་གཉིས་པར་ཁ་པར་གྱི་བརྙན་མིག་བརྒྱུད་ནས་སྐབས་
ཐོག་པར་ལེན་སྐུར་ཐུབ།
-
ངས་ཤོག་རྟགས་ཇི་ལྟར་སྐུར་ཐུབ།
འཕྲིན་བཏབ་སྒམ་གྱི་གཡོན་དུ་ཟུར་སྣོན་གྱི་རྟགས་ཞིག་
ཡོད་པ་དེའི་ཐོག་མཛུབ་གནོན་གྱིས་པ་དང་ཆབས་ཅིག
ཞལ་འཛུམ་ཤོག་རྟགས་ཞིག་ཤར་བ་དེ་བདམས་ནས་གཡོན་ཕྱོགས་
སུ་ཤུར་བ་ཡིན་ན།
ཤོག་རྟགས་ལྷག་མ་ཇི་ཡོད་ཚང་མ་མཐོང་ཐུབ། འཛོམས་
བཀོལ་ཆས་ཀྱི་ཤོག་རྟགས་ཚང་མ་སྤྲོ་སྣང་དང་དམིགས་བསལ་
ཅན་བཟོས་ཡོད།
-
ངས་གྲོགས་ལ་བསྐུར་བའི་བརྡ་འཕྲིན་འབྱོར་ཡོད་མེད་ཇི་
ལྟར་ཤེས་ཐུབ།
----
-
ངས་རྒྱུན་འབྲེལ་མིང་ཇི་ལྟར་མེད་པ་བཟོ་ཐུབ།
འཛོམས་ བཀོལ་ཆས་ནང་གི་ 'Friends'
འམ་༼གྲོགས།༽ཞེས་པའི་མདུན་ངོས་ཁ་ཕྱེས་ཏེ།
ད་ཡོད་གྲོགས་ཀྱི་ཐོ་གཞུང་ནས་སུ་ཞིག་མེད་པ་བཟོ་འདོད
་པ་དེའི་མིང་ཐོག་མཛུབ་གནོན་གྱིས་ན། delete
འམ་༼མེད་པ་བཟོས།༽ཞེས་པའི་དྲན་བརྡ་ཞིག་འབྱོར་མཚམས།
'OK' ཞེས་པར་གནོན་ན། དེ་ལྟར་མེད་པར་འགྱུར།
འོན་ཀྱང་ད་ལྟ་མེད་པར་བཟོས་པའི་གྲོགས་དེ་སླར་ཡང་ཁྱེ
ད་རང་གི་འཛོམས་
བཀོལ་ཆས་ཀྱི་རྒྱུན་འབྲེལ་མིང་ཐོའི་ནང་གནོན་ནས་འབྲེ
ལ་བ་བྱེད་ཐུབ།
-
ངས་སྡེ་སྒྲིལ་འཕྲིན་སྟེགས་གཅིག་འགོ་འཛུགས་ཇི་ལྟར་
བྱེད་ཐུབ།
འཛོམས་ བཀོལ་ཆས་ཀྱི་མ་ཐོ་འམ། Menu
ནི་གཡས་ཟུར་གྱི་ཐུར་དུ་ཚེག་གྲངས་གསུམ་ཅན་ཞིག་ཡོད་པ
་དེ་ཡིན་པ་དང་། དེར་གནོན་ནས་ 'Create a Group'
འམ་༼སྡེ་སྒྲིལ་འཕྲིན་སྟེགས་གཅིག་བཟོས།༽ཞེས་པ་དེ་འ
དེམས་ནས་སྡེ་སྒྲིལ་འཕྲིན་སྟེགས་དེར་རང་གི་འདོད་མོས
་ལྟར་མིང་རན་པོ་ཞིག་སྤྲད་དེ་ 'Connect'
འམ་༼འཐུད།༽ཞེས་པར་གནོན་དགོས།
དེ་ལྟར་སྡེ་སྒྲིལ་འཕྲིན་སྟེགས་དེ་བཟོས་སྒྲུབ་རྗེས།
འཕྲིན་སྟེགས་དེའི་གཡས་ཕྱོགས་ཀྱི་སྟེང་ལ་ 'Add friend'
འམ་༼གྲོགས་གནོན།༽ཞེས་པ་དེ་འདེམས་ནས་རང་གི་ཉེ་གྲོགས
་རྣམས་སྡེ་སྒྲིལ་འཕྲིན་སྟེགས་གཅིག་གི་ནང་དུ་སྤྲོ་
སྣང་རོལ་ཆོག
སྡེ་སྒྲིལ་འཕྲིན་སྟེགས་གཅིག་མེད་པ་བཟོ་ཆེད་འཛོམས་
བཀོལ་ཆས་ཀྱི་ 'Chat'
ཟེར་བའི་མདུན་ངོས་སུ་སྡེ་སྒྲིལ་འཕྲིན་སྟེགས་ཀྱི་མི
ང་ཐོག་གཡས་ཕྱོགས་ལ་ཤུར་དགོས།
-
ངས་རང་གི་ཉེ་གྲོགས་ཇི་ལྟར་གནོན་པ་དང་ཇི་ལྟར་བསུ་ཐུ
བ།
འཛོམས་
འཕྲིན་སྟེགས་ནང་རང་གི་ཉེ་གྲོགས་གནོན་ཕྱོགས་ཁ་ཤས་ཡོ
ད་པ་ནི། ཐོག་མར་ཁྱེད་རང་འཛོམས་
ནང་མིང་བཀོད་ཞུགས་ཚར་རྗེས་དེ་མ་ཐག་རང་གི་ཉེ་གྲོགས་
རེ་རེ་བཞིན་གནོན་ནས་བསུ་ཆོག་པ་དང་། དེ་བཞིན་དུ་
'Chats' འམ་༼འཕྲིན་སྟེགས།༽ ཞེས་པའི་སྟེང་ཏུ་ 'Add friend
to Zom' འམ། ༼འཛོམས་ ནང་གྲོགས་གནོན།༽
ཞེས་པའི་འདམ་ཀ་བརྒྱུད་དེ་གྲོགས་བསུ་ཆོག་པ་མ་ཟད།
'Compose' འམ་༼འཕྲིན་སྒྲུབ།༽ཞེས་པའི་མདུན་ངོས་སུ་
'Add Friend' འམ།
༼ཉེ་གྲོགས་གནོན།༽ཞེས་པའི་འདམ་ཀ་བརྒྱུད་ནས་རང་གི་ཉེ
་གྲོགས་བསུ་ཐུབ།
SMS
༼འཕྲིན་ཐུང་ཞབས་ཞུ།༽རྒྱུན་ལྡན་ཁ་པར་འཕྲིན་ཐུང་
ཞབས་ཞུ་བརྒྱུད་ནས་ཁྱེད་རང་གི་ཉེ་གྲོགས་རྣམས་ལ་
འཛོམས་
འཕྲིན་སྟེགས་མགྲོན་བརྡའི་བསུ་བ་གནང་ཐུབ་ཀྱང་།
དེར་ཁ་པར་འཕྲིན་ཐུང་གི་རིན་པ་ཤོར་སྲིད།
Share ༼རྒྱུད་སྐུར་ཞབས་ཞུ།༽ཁྱེད་རང་གི་ འཛོམས་
འཕྲིན་སྟེགས་མགྲོན་བརྡའི་དྲ་ཐག་དེ་སྤྱི་ཚོགས་འ
བྲེལ་འཐུད་ཀྱི་བཀོལ་ཆས་དང་གློག་འཕྲིན།
སྐད་འཕྲིན་སོགས་ཀྱི་ནང་རིན་མེད་རྒྱུད་སྐུར་གནང
་ཏེ་རང་གི་ཉེ་གྲོགས་ འཛོམས་
འཕྲིན་སྟེགས་ནང་བསུ་ཐུབ།
Scan ༼གསང་རྟགས་ཞིབ་དཔྱོད།༽
གལ་སྲིད་ཁྱེད་རང་གི་གྲོགས་རྣམས་ཉེ་འཁོར་དུ་ཡོད
་ཚེ། ཁོང་ཚོའི་གསང་རྟགས། QR Codes
ཁ་པར་ནང་ཞིབ་དཔྱོད་བྱས་ཏེ་གནོན་ཐུབ།
དེ་ནི་མགྱོགས་པོ་དང་སྟབས་བདེ་ཡོད།
Direct invite ༼ཐད་ཀར་མགྲོན་བརྡ།༽
ཁྱེད་དང་གྲོགས་དབར་དུས་རྒྱུན་སྤྱི་ཚོགས་འབྲེལ་
འཐུད་ཀྱི་བརྒྱུད་ལམ་མཉམ་སྤྱོད་མེད་ཚེ། འཛོམས་
འཕྲིན་སྟེགས་ཐོག་མིང་བཀོད་བྱས་པའི་གྲོགས་ཀྱི་
མིང་བྱང་དེ་ཐད་ཀར་གནོན་ནས་བསུ་ཐུབ།
-
ངས་འཕྲིན་སྟེགས་ཇི་ལྟར་འགོ་འཛུགས་དགོས།
འཛོམས་ བཀོལ་ཆས་ཀྱི་Chat ཡི་མདུན་ངོས་གཡོན་ཐོད་དུ་
'Compose' འམ།
༼འཕྲིན་སྒྲུབ།༽ཞེས་པར་གནོན་ནས་བརྡ་འཕྲིན་གཏོང་ཡུལ་
རང་གི་གྲོགས་གཅིག་འདེམས་དགོས་པ་དང་ཆབས་ཅིག
གཡས་ཐོད་ཀྱི་འདམ་རྟགས་ལ་གནོན་ཏེ། འཛོམས་
འཕྲིན་སྟེགས་གྲ་སྒྲིག་གནང་ཐུབ།
-
ངས་སྐད་འཕྲིན་ཞིག་མ་སྐུར་བའི་སྔོན་དུ་ཕྱིར་བསྡུ་ཇི
་ལྟར་བྱེད་ཐུབ།
གལ་སྲིད་ཁྱེད་ཀྱིས་འཛོམས་
བཀོལ་ཆས་ནང་སྐད་འཕྲིན་ཞིག་སྒྲ་འཇུག་བྱེད་འགོ་བཙུགས
་ཀྱང་།
སྐད་འཕྲིན་དེ་སྐྱར་དུ་སྒྲ་འཇུག་བྱ་དགོས་པ་འམ་ཡང་ན་
སྐད་འཕྲིན་དེ་སྐུར་དགོས་མེད་པ་དགོངས་ཚེ།
རང་གིས་གནོན་བཞིན་པའི་མཛུབ་མོ་དེ་གོང་ལ་ཤུར་ནས་ཀློ
ད་དགོས།
-
ངས་སྐད་འཕྲིན་ཇི་ལྟར་སྐུར་ཐུབ།
འཕྲིན་བཏབ་སྒམ་གྱི་གཡས་ཟུར་དུ་སྒྲ་མིག་གི་རྟགས་ཤིག
་ཡོད་པ་དེར་མཛུབ་གནོན་དགོས་པ་དང་། 'Talk' ༼ཤོད།༽
ཞེས་པའི་ཐོག་མཛུབ་མོ་གནོན་ཏེ་རང་གི་སྐད་འཕྲིན་བརྡ་
ལན་མ་རྫོགས་བར་སྒྲ་འཇུག་ལེགས་པར་བྱས་རྗེས་མཛུབ་མོ་
ཀློད་པ་ཡིན་ན།
སྒྲ་འཇུག་བྱས་པའི་སྐད་འཕྲིན་དེ་གྲོགས་དེ་ཉིད་ལ་འ
བྱོར་ཐུབ།
-
ངས་སྐད་འཕྲིན་ཞིག་མ་སྐུར་བའི་སྔོན་དུ་ཕྱིར་བསྡུ་ཇི
་ལྟར་བྱེད་ཐུབ།
གལ་སྲིད་ཁྱེད་ཀྱིས་འཛོམས་
བཀོལ་ཆས་ནང་སྐད་འཕྲིན་ཞིག་སྒྲ་འཇུག་བྱེད་འགོ་བཙུགས
་ཀྱང་།
སྐད་འཕྲིན་དེ་སྐྱར་དུ་སྒྲ་འཇུག་བྱ་དགོས་པ་འམ་ཡང་ན་
སྐད་འཕྲིན་དེ་སྐུར་དགོས་མེད་པ་དགོངས་ཚེ།
རང་གིས་གནོན་བཞིན་པའི་མཛུབ་མོ་དེ་གོང་ལ་ཤུར་ནས་ཀློ
ད་དགོས།
-
ངས་ཤོག་རྟགས་ཇི་ལྟར་སྐུར་ཐུབ།
འཕྲིན་བཏབ་སྒམ་གྱི་གཡོན་ངོས་སུ་ཡོད་པའི་བརྙན་མིག་མ
ཚོན་རྟགས་ཐོག་མཛུབ་གནོན་གྱིས་ཏེ། 'Stickers' འམ།
༼ཤོག་རྟགས།༽ཞེས་པ་བདམས་ནས་ཤོག་རྟགས་དུ་མའི་ནང་ནས་ར
ང་གི་འདོད་མོས་ཤོག་རྟགས་འདེམས་ནས་སྐུར་ཐུབ།
-
བཀོལ་ཆས་བརྒྱུད་དེ་ངས་གྲོགས་ལ་བསྐུར་བའི་བརྡ་འཕྲིན
་འབྱོར་ཡོད་མེད་ཇི་ལྟར་ཤེས་ཐུབ།
----
-
ངས་སྡེ་སྒྲིལ་འཕྲིན་སྟེགས་གཅིག་འགོ་འཛུགས་ཇི་ལྟར་
བྱེད་ཐུབ།
?
-
ངས་སྡེ་སྒྲིལ་འཕྲིན་སྟེགས་གཅིག་འགོ་འཛུགས་ཇི་ལྟར་
བྱེད་ཐུབ།
i མ་ལག་གློག་ཆས་ནང་ངས་འཛོམས་
འཕྲིན་སྟེགས་ཀྱི་སྡེ་སྒྲིལ་ཞིག་འགོ་འཛུགས་བྱེད་སྟང
ས་ནི། 'Compose'
འམ་༼འཕྲིན་སྒྲུབ།༽ཞེས་པའི་མདུན་ངོས་ཁ་ཕྱེས་ཏེ།
དེའི་ནང་ནས་རང་གི་སྡེ་སྒྲིལ་འཕྲིན་སྟེགས་ནང་ཉེ་གྲོ
གས་སུ་བཅུག་གི་ཡིན་པ་ཚང་མའི་མིང་བྱང་ཐོག་གནོན་ནས་འ
དམ་རྟགས་བརྒྱབ་དགོས་པ་དང་།
དེ་རྗེས་གཡས་ཐོད་ཀྱི་འདམ་རྟགས་སྒམ་དེ་བདམས་ནས།
སྡེ་སྒྲིལ་འཕྲིན་སྟེགས་ལ་མིང་བྱང་ཞིག་བཀོད་དེ་ 'OK'
ཞེས་པར་གནོན་ནས་རང་གྲོགས་མཉམ་འཐུད་ཐུབ།